བྱིས་གླུ་ཅོ་ཀའི་དྲུག་འགྱུར།少儿妙笛之声
2022-02-23 19:34:18
བྱིས་གླུ་ཅོ་ཀའི་དྲུག་འགྱུར།དབྱངས། ཤང་ཐོ་དཀོན་མཆོག་ཚེ་བརྟན།གཞས་པ། བསྟན་འཛིན་བཀྲ་ཤིས། དོན་འགྲུབ་དབྱངས་འཛོམས།༡ ཞོགས་པའི་ཉི་རྩེ་རི་ལ་རྒྱགས།། དཔེ་ཁུག་ལྗིད་མོ་རྒྱབ་ཏུ་ཁུར།།ཀ་ཁའི་དབྱངས་རྟ་ངག་ལ་གྱེར། ང་ནི་དགེ་རྒན་བཟང་པོའི་སློབ་མ་ཡིན།།ཀ་ཁ་གང་་་་་་ཨོ་་་་་ང་དང་སློབ་གྲོགས་ཀྱི་རུས་ལ་འཐིམ་པའི་ཡིག་འབྲུ་རིན་པོ་ཆེ།།ངས་ཕ་མ་ཕུལ་བའི་དྲིན་གྱི་ལད་མོ་ཡིན།།༢ ཡིད་འོང་གི་སློབ་རའི་གླིང་ནས།། དབྱངས་གསལ་ང་རོ་གདངས་སུ་བཀུགརིག་པའི་མར་མེ་མཐོ་རུ་སྒྲོན།། ང་ནི་དབྱངས་གསལ་གྱི་བླ་སྲོག་ཡིན།།དབྱངས་གསལ་སོ་བཞི།་་་་ཨོ་་་་་ང་དང་སློབ་གྲོགས་ཀྱི་རྣ་ལ་འཇགས་པའི་གནའ་གཏམ་ཏེ།།ངའི་ཕ་མེས་ཀྱི་བུ་ལ་གནང་བའི་ཕ་ནོར་ཡིན།།༣ ཞོགས་པ་ཡི་དཔེ་ཀློག་སིང་སིང་།། སློབ་ར་ལ་མཛེས་སྡུག་མངོན་ཡོད།།མཐུན་སྒྲིལ་གྱི་ལག་པ་དམ་དུ་འཇུ།། ང་ནི་རེ་བ་ལ་ཐོགས་པའི་ཕ་ནོར་ཡིན།།ཀ་ཁ་ག་ང་་་ཨོ་་་་ང་དང་སློབ་གྲོགས་ཀྱི་མིག་ལམ་དུ་འཆར་བའི་ལམ་ཕྲན་སྟེ།།ངས་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཡིན།།